ཆིའུ་རིན། I ཁུ་ནུའི་གཡང་ཊི།

wanlixing     2024-09-18
摘要: ཆིའུ་རིན། 祁人, 藏文翻译:徳吉草(西南民大教授,藏族)、 加华道吉(西南民大研究生,藏族)

昆仑玉镯.jpg


ཁུ་ནུའི་གཡང་ཊི།   昆仑玉   


            ཆིའུ་རིན།   祁人

         藏文翻译:徳吉草(西南民大教授,藏族)

                加华道吉(西南民大研究生,藏族)


ང་ཚོ་ནི་དད་འདུན་གྱི་ཀློང་ན་བསྐྱོད་པའི་མཇལ་བ་སྟེ།

ཁུ་ནུ་རི་བོའི་ཕྱོགས་སུ་བརྐྱངས་པའི་དབུས་ལམ་ཞབས་ཀྱིས་བཀྱགས།

མི་རྣམས་ཁུ་ནུའི་རི་བོའི་མཚར་སྡུག་གི་ཕྱོགས་སུ་བང་གིས་རྒྱུགས་པའི་ཚེ།

འུ་གཉིས་ཁོ་ནའི་མཛའ་མཐུན་གྱི་ལག་པ་ཕན་ཚུན་ལ་འཁྱུད་ཅིང་།

དབྱང་རླུང་མེད་པའི་ས་སྒང་གི་ཡང་སྟེང་ན་དལ་གྱིས་བསྐྱོད།

 

སྐྱེ་དགུས་དད་གུས་ཀྱིས་མཆོད་པའི་རི་རབ་ཁྲག་ཁྲིག་གི་མེས་པོ་ཀྱེ།

ཁྱོད་ཀྱི་སྙིང་ཁོང་དུ་རྡོ་རྗེ་ཕ་ལམ་ག་ཙམ་སྤུངས་ཡོད།

ཁྱོད་ཀྱི་སེམས་ཁོང་དུ་གསང་བ་ཅི་ཙམ་བསྐུང་ཡོད།

འུ་གཉིས་ཀྱི་བརྩེ་གདུང་ནི།

ལོ་དང་ཟླ་བ་རེ་རེའི་ཁོང་གསེང་དུ་བཞུར་སོང་།

དེ་ནི་འུ་གཉིས་ཀྱི་མཛའ་མཐུན་གྱི་ལག་འཇུ་དང་ཀུན་ནས་མཚུངས།

 

ཡང་ན། ལོ་ངོ་དུང་ཕྱིར་འདས་པའི་དུས་ལ།

རྡོ་བ་ཡོད་ཚད་འགྱུར་རྡོ་རུ་གྱུར་ནའང་།

བདག་ཅག་གི་བརྩེ་འདང་ལ་འགྱུར་བ་མེད་དེ།

ཁྱོད་ཀྱི་མཁྲིག་མའི་གཡང་ཊི་རྙིང་བ་དང་གཉིས་སུ་མ་མཆིས།

འོད་འཁྱུག་ཅིང་སྒྲིབ་པ་བྲལ་བའི་ཁུ་ནུའི་གཡང་ཊི་འདིས།

འུ་གཉིས་ཀྱི་ཚེ་སྲོག་གི་ཟབ་ས་རུ།

སྟོབས་ཀྱིས་དྲེགས་པའི་ཁུ་ནུ་རི་བོ་ཀྲོང་ངེར་བསླངས་སོ།།

                            ༢༠༡༧ལོའི་ཟླ་༧པའི་ཚེས་༢༣ཉིན།


 诗歌万里行走进柴达木.jpg


         点击阅读汉语版       



分享